ཤམ་བྷ་ལ་ཚན་སྡེབ། | གླུ་ཚོགས། | ཐད་གཏོང་།

2018-05-29

1527581338-1000.png


གྲོགས་པོ་གྲོགས་གཅེས་རྣམ་པ།  ངས་དེ་རིང་གཏམ་བཟང་ཞིག་ཁྱེར་ནས་ཡོང་ཡོད།

སྤྱི་ཟླ་༥པའི་ཚེས་༡༧ཉིན་ལ་བོད་ཡུལ་དགའ་སྐྱོད༢༠༡༨ལོའི་ཁམས་པའི་བརྙན་འཕྲིན་གཞི་རིམ་དུ་སྐྱོད་པའི་སྤྱི་ཕན་བྱེད་སྒོ་ལས་མུ་ལིའི་སྤྲོ་འཛོམས་ཀྱི་སྤྲོ་ཚོགས་ཡག་ཨེ་བྱུང་།  ཐད་གཏོང་ལ་ལྟ་མཁན་འབུམ་དགུ་ལྷག་ལ་སླེབས་ཤིང་།གླུ་པ་གླུ་མ་དག་གི་ཞེན་མི་ཚོས་འཕྲིན་ཕྲན་སྤྱི་སྟེགས་བརྒྱུད་ནས་བཀྲ་ཤིས་ཁ་གཡང་དང་བསྟོད་པའི་མཐེ་བོང་བསྒྲེང་བཞིན་འདུག         


1527581113-1000.jpg

ད་རུང་ཡིད་ཚིམ་མེད་པའི་གྲོགས་པོ་དག་ལ་གཏམ་བཟང་ཅི་ཞིག་ཡོད་ཟེར་ན།ཐེངས་འདིའི་ཀྲུང་གོ་བོད་གླུའི་པང་གི་གླུ་ཚོགསལས་ཤམ་བྷ་ལ་ཚན་སྡེབ་ཀྱི་ཆེད་ཚོགས།དོ་དགོང་དུས་ཚོད་༧༣༠སྟེང་དྲ་ལམ་ཐད་གཏོང་བྱ་རྒྱུ་རེད།        


1527581709-1000.png

རེད།ངོ་མ་ཡིན། དྲ་ལམ་ཐད་གཏོང་བྱ་རྒྱུ་རེད།

སྒུག་མི་དགོས་པར་ཐད་ཀར་ལྟ་ཐུབ་པ་འདི་ངོ་མ་སྤྲོ་སྣང་ལྡན་པ་ཞིག་རེད་ལ།

1527581766-1000.png

ཐེངས་འདིའི་གླུ་ཚོགས་ལ་ང་ཚོས་ཤམ་བྷ་ལ་ཚན་སྡེབ་གདན་འདྲེན་ཞུས་ཡོད་པར་མ་ཟད།བོད་ཁུལ་ན་མིང་གྲགས་ཆེ་བའི་གསང་བའི་སྐུ་མགྲོན་གཉིས་ཀྱང་གདན་འདྲེན་ཞུས་ཡོད།        

1527581800-1000.jpg

ཟུར་ཙམ་རེ་གླེང་ན། གསང་བའི་སྐུ་མགྲོན་གཅིག་ནི་ཤམ་བྷ་ལ་ཚན་སྡེབ་ཀྱི་དགེ་རྒན་ཡིན་ལ།གཅིག་ནི་སྐབས་སྔོན་མའི་གླུ་ཚོགས་ཤིག་གི་སྐུ་མགྲོན་རེད། 

གཟའ་འཁོར་སྔོན་མའི་ནང་གླུ་ཚོགས་ཀྱི་བརྡ་ཁྱབ་བཀོད་པ་ནས་བཟུང་ཀྲུང་གོ་བོད་གླུའི་པང་གི་གླུ་ཞེན་དང་ཤམ་བྷ་ལ་ཚན་སྡེབ་ཀྱི་ཞེན་མི་གང་མང་གིས་སྤྱི་སྟེགས་བརྒྱུད་ནས་སྨོན་འདུན་དང་ཁ་གཡང་བརྗོད་པའི་གནས་ཚུལ། ཁྱེད་ཅག་གིས་དུས་རྟག་ཏུ་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞུ། 

1527580618-1000.png
1527580634-1000.png
1527580647-1000.png
1527580660-1000.png




1527581888-1000.png

གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་བཤད་ན།


བྱེད་སྒོའི་དུས་ཚོད།


 ༢༠༡༨ལོའི་ཟླ་༥པའི་ཚེས་༢༩ཉིན་གྱི་དགོང་མོའི་དུས་ཚོད་༧༣༠

 

བྱེད་སྒོའི་ས་གནས།


 ཁྲེང་ཏུའུ་གྲོང་ཁྱེར་ཀའོ་ཞིན་ཁུལ་ཐེན་ཧྥུའུ་ལམ་ཆེན་དཀྱིལ་ཁུལ་ཨང་རྟགས་༦༦༦ཞི་ཏོན་ཐོག་ཁང་cཁུལ་བརྩེགས་༤པ། ས་འོག་ལྕགས་ལམ་ལམ་ཐིག་དང་པོའི་ཐེན་ཧྥུའུ་སྲང་ལམ་གསུམ་པའི་Aསྒོ།


དྲ་ལམ་ཐད་གཏོང་དུས་ཚོད།


 ༢༠༡༨ལོའི་ཟླ་༥པའི་ཚེས་༢༩ཉིན་གྱི་དགོང་མོའི་དུས་ཚོད་༧༣༠



དྲ་ལམ་ཐད་གཏོང་སྦྲེལ་ཐག


https://file205966caaa75.aiwall.com/v3/idea/kq5GJJ47

1527580988-1000.jpg

སྦྲེལ་ཐག་ནོན་པ་དང་ཚད་གཉིས་ཨང་གྲངས་བཤེར་འབེབས་བྱས་ན་ཐད་གཏོང་ལ་ལྟ་ཐུབ།



ཁྱོད་ཚོས་རྩོམ་སྒྲིག་པས་ཡུལ་དངོས་ན་ཅི་ཞིག་ལས་བཞིན་པར་ལྟ་ན་འདོད་དམ།

མྱུར་དུ་ཐད་གཏོང་ལ་གཟིགས་དང་།


1527580751-1000.jpg

1527580787-1000.jpg

1527580831-1000.jpg

1527580862-1000.jpg

1527580878-1000.jpg

1527580906-1000.jpg

1527581922-1000.png




1527581962-1000.jpg